ཅིའི་ཕྱིར་ “མཁན་པ” ཟེར།

རིན་པོ་ཆེ་ནི་འབྲུག་ཤར་ཕྱོགས་ཁུལ་གྱི་དབེན་གྲོང་ (Khenpajong) མཁན་པ་ལྗོངས་ཞེས་པར་སྐུ་བལྟམས། གྲོང་པ་དེ་མི་མེད་ལུང་སྟོང་དུ་གྱུར་ནས་ད་ཆ་ཡོད་མ་རེད། ཡུལ་དེ་ལ་མཁན་པ་ལྗོངས་ཞེས་པའི་མིང་བཏགས་པ་ནི་ཡུལ་དེར་སྨན་རྩྭ་མཁན་པ་མང་པོ་སྐྱེ་བའི་རྒྱུ་མཚན་གྱིས་རེད། རྒྱུ་མཚན་དེས་ན་རིན་པོ་ཆེ་ལ་ “མཁན་པ་སྐྱེས” ཞེས་པའི་མིང་དེ་འཇུག་གོ །

མཁན་པ་ནི་ཇ་དང་། ཚོན་རྩིས་དང་། དེ་བཞིན་བསང་སོགས་བཟོ་བའི་ཆེད་དུ་བཀོལ་སྤྱོད་བྱེད་པའི་སྨན་རིགས་ཀྱི་རྩི་ཤིང་ཞིག་རེད། འདི་ནི་རྨི་ལམ་གྱི་སྨན་རྩྭ་ཞིག་སྟེ། དེ་ཡང་རྒྱུན་དུ་སྨན་རྩྭ་འདི་སྔས་མགོའི་ནང་ཚངས་ཀྱི་རྒྱུ་ཆ་གཙོ་བོར་བསྟེན་ཅིང་། དེ་ལས་རྨི་ལམ་གསལ་པོར་དྲན་ནུས་པར་བཤད། མ་ཟད་རོ་མཎ་ (Roman) གྱི་དམག་མི་ཚོས་ལུས་ཀྱི་ནུས་སྟོབས་རྒྱས་པའི་ཕྱིར་དུ་ལྷམ་ནང་དུ་སྨན་རྩྭ་འདི་བཅུག་སྲོལ་ཡང་མཆིས། དུས་རབས་བར་མའི་ནང་ཡུ་རོབ་པཎ་ (European) གྱིས་སྨན་རྩྭ་འདི་ཉིད་གཞན་གྱི་མཐུའི་གནོད་པ་བཟློག་པའི་རྫས་སུ་བསྟེན་པ་དང་། ལྡུམ་རྭ་སྐྱོང་མཁན་ཚོས་མེ་ཏོག་དང་རྩི་་ཤིང་རྣམས་འབུ་སྲིལ་རྣམས་ལས་སྐྱོབ་པའི་ཆེད་དང་། གཞན་ཡང་མཁན་པ་འདི་གཟུགས་འཇམ་གཉེན་པོ་དང་། འགྲིམ་འགྲུལ་པས་བདུད་ཀྱི་བར་ཆད་ཞི་བ་དང་། གཅན་གཟན་གྱི་འཇིགས་པ་ལས་གྲོལ་བའི་ཆེད་དུའང་བསྟེན། སྨན་རྩ་འདི་ནི་དུས་རབས་བཅུ་པའི་ནང (Pagan Anglo-Saxon) ༼ཀླ་ཀློའི་ཆོས་ལུགས་སྨྲ་བ་ཨེང་ལོའི་མི་རིགས༽ གི་སྨན་གཞུང་ལཀ་ནན་གའི་ (Lacnunga) ནང་དུ་ནུས་ལྡན་གྱི་སྨན་རྩྭ་དགུ་གསལ་བའི་ནང་གསེས་ཤིག་ཡིན་པར་གསལ། དེ་བཞིན་དུ་ཕྱི་ལོ ༡༩༣༢ ནང་བརྩམས་པའི་གྷི་རི་ཕི་ (Grieve) ཀྱི་དེང་རབས་ཀྱི་སྨན་རྩ་ཞེས་པའི་སྨན་གཞུང་ལས་ཀྱང་ “དུས་རབས་བར་མར་སྨན་རྩ་འདིའི་མིང་ལ (Cingulum Sancti Johannis) ཅེས་འབོད་ཅིང་། འཇོན་དྷ་བེབ་ཊེ་སི་ (John the Baptist) ཞེས་པའི་ཡི་ཤུའི་བླ་ཆེན་གྱིས་ཀྱང་སྐེད་པར་བཅིངས་ཡོད” ཅེས་གསལ། སེན་ཇོན་ཨིབ་ (St. John‘s Eve) ཀྱིས་ཀྱང་བདུད་ཀྱི་གནོད་པ་ཞི་བའི་ཕྱིར་སྨན་རྩྭ་འདིའི་ཟེགས་མ་ལས་བྱས་པའི་པྲོག་ཞུ་མནབས་ཡོད་པར་གསལ་ལ། ཧོ་ལིནཌ་ (Holland) དང་འཇར་མ་ནི་ (Germany) ནང་དུ་སྨན་རྩྭ་འདིའི་མིང་གི་རྣམ་གྲངས་ཤིག་ལ་སེན་ཇོན་ཨིབ་ (St. John’s Eve) ཀྱི་རྩི་ཤིང་ཞེས་ཀྱང་བྱ། དེ་ལྟར་བཏགས་པ་ཡང་ (St. John’s Eve) དང་ཉེ་སར་འདུ་འཛོམས་བྱེད་པ་ཡིན་ན་ནད་དང་ལྟས་ངན་པ་རྣམས་ལས་སྐྱོབ་པའི་རྒྱུ་མཚན་གྱིས་བཏགས་པར་བཞེད། མཁན་པ་ནི་སྐྱེ་གཡོག་མ་རྣམས་ཀྱིས་ཆེས་དགའ་བའི་སྨན་རྩྭ་ཞིག་སྟེ། སྨན་རྩྭ་འདི་ལ་བུ་སྣོད་གསོ་བའི་ནུས་པ་ལྡན་ཞིང་། ཟླ་མཚན་དུས་ཐོག་ཏུ་འབབ་པར་བྱེད་པ་དང་སྐྱེ་སྣོད་གསོ་བའི་ཕན་ནུས་ལྡན། སྨན་ཁ་ཏིག་གཞན་དང་མཚུངས་པར་མཁན་པ་ནི་ཟས་འཇུ་བའི་ནུས་པ་ཁྱར་པར་ཅན་དང་ལྡན་ཏེ། སྨན་རྩྭ་འདི་ཟས་ཀྱི་སྔ་ཕྱི་གང་རུང་དུ་བསྟེན་ན་གྲོད་ཁོག་སྦོས་ནད་དང་ཕོ་ནད་སོགས་ཞི་ཞིང་། སྤྱི་སྒེར་ཀུན་གྱི་གནོད་པ་ཞི་བ་དང་། ཆོས་ལུགས་དུ་མས་སྨན་རྩྭ་འདི་བཀྲ་ཤིས་པའི་རྫས་ཏེ་བདུག་རྫས་བདུག་པའི་ཕྱག་ལེན་གྱི་རྫས་ཀྱི་གཙོ་བོ་རུ་བསྟེན་སྲོལ་ཡོད། དེ་བཞིན་དུ་ལྡུམ་བུ་ཁྲག་གཅོད་དང་། མཁན་པ། ཚུའུ་གསུམ་སྨན་སྦྱོར་བྱས་ན་དབང་རྩ་ཉམས་པ་དང་། རྩ་རྒྱུད་ན་བ། དེ་བཞིན་རྩ་རྒྱུད་རེངས་པ་སོགས་ཞི་བའི་ནུས་པ་ལྡན་ནོ།།

ཉི་ཧོང་ནས་ཡིན་པའི་ང་ཚོའི་གྲོགས་པོ་ཞིག་གིས་ཀྱང་སྨན་རྩྭ་འདི་ལ་ཁོང་ཚོའི་ལྟ་སྟངས་གང་འདྲ་ཡོད་ཚུལ་སྐོར་གསུངས་དོན། མཁན་པ་ནི་ཉེ་ཧོང་གི་ཡུལ་གང་སར་སྐྱེ་ཞིང་འདིའི་ཕན་ནུས་ཀྱང་དུས་ཡུན་རིང་པོ་ནས་ཀུན་ལ་ཡོངས་སུ་གྲགས་པ་ཞིག་རེད། སྨན་རྩྭ་འདི་ཁྲག་གི་འཁོར་བསྐྱོད་བརྟན་པོ་འོང་ཆེད་དང་། ལུས་རྨས་ཏེ་ཁྲག་འབབ་ཚེ་ཁྲག་འགོག་པའི་ཆེད་དུའང་བསྟེན་ལ། འདི་ནི་ཉི་ཧོང་གི་སྲོལ་རྒྱུན་རྩོམ་རིགས་རྙིང་པའི་ནང་དུ་ཡང་གསལ་བའི་སྨན་རིགས་ཤིག་ཡིན། དེ་ཡང་དུས་རབས་བཅུ་གཅིག་པའི་མགོར་བརྩམས་པའི་རྩོམ་ཡིག ་མ་ཀུ་ར་ནོ་སོ་ཤི་ (Makuranosoushi) ཡི་ནང་གསལ་དོན། ཕྱི་ལོའི་ཟླ་བ་ལྔ་པའི་ཚེས་ལྔ་ལ་ལོ་ལྟར་ནམ་དུས་ཀྱི་དུས་སྟོན་སྲུང་བརྩི་ཞུ་སྐབས་སྨན་རྩྭ་འདི་ཉིད་དྲེས་མ་མེ་ཏོག་དང་སྦྱར་ཏེ་བདུད་ཀྱི་གནོད་པ་ཞི་ཕྱིར་དུ་བེད་སྤྱོད་བྱེད་སྲོལ་ཡོད། སྨན་རྩྭ་འདི་བེད་སྤྱོད་གཏོང་ཆེ་ཤོས་ནི་ཉི་ཧོང་གི་མངར་ཟས་ཡོ་མོ་ཇི་མོ་ཆི་ (yomoji mochi) སྟེ་དུས་རབས་བཅུ་བདུན་བར་དུ་ཡར་དེད་ཐུབ་པའི་རིག་གཞུང་གི་མངར་ཟས་ཀྱི་ཟས་སྦྱོར་གྱི་རྫས་སུ་བེད་སྤྱོད་བྱེད་སྲོལ་མཆིས།

* གནས་ཚུལ་འདི་ཚོ་ཕལ་ཆེར་ཝི་ཀི་ཕཱི་ཌི་ཡ་ (Wikipedia) ནས་ནས་བཤུས་པ་རེད།